འདས་པའི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་རིང་དུ། སྤྱི་ཚོགས་དྲ་ལམ་ཁྱབ་གདལ་ཤུགས་ཆེར་ཕྱིན་པ་ནས་བཟུང་། ང་ཚོས་ཆ་འཕྲིན་འཛད་སྤྱོད་བྱེད་ཕྱོགས་དང་། ་ཁྱིམ་མི་དང་གྲོགས་པོ་སོགས་ལ་འབྲེལ་གཏུག་བྱེད་སྟངས་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད། ང་ཚོས་ཁོ་ཚོའི་སྤྱི་ཚོགས་དྲ་ལམ་གྱི་སྡིངས་ཆའི་སྟེང་དུ་དཔྱད་གཏམ་སྤེལ་བའི་གྲངས་ཀ་དེ་ཁོང་ཚོར་དངོས་སུ་ཁ་པར་སྟེང་ཁ་བརྡ་བྱས་པའི་་གྲངས་ཀ་ལས་མང་བ་ཡོད་རེད། དེ་བཞིན་ད་དུང་མི་མང་པོ་ཞིག་གིས་དྲ་ལམ་དུ། མི་ཚང་མར་སོ་སོའི་སྒེར་གྱི་འཚོ་བ་དང་གནས་ཚུལ་ཅི་རིགས་མངོན་སུམ་འཛེམ་མེད་ཀྱི་ཐོག་ནས་ཡོངས་བསྒྲགས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
སྐད་འཕྲིན་དང་། QQ དེ་བཞིན་འཁྱུག་དབྱངས་( 抖音)སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་མཉེན་ཆས་བཀོལ་སྤྱོད་བྱེད་སྐབས། ཁྱེད་ཀྱིས་མཉེན་ཆས་དེ་དག་དང་། དྲ་ལམ་གྱི་མི་ཚང་མར་གནས་ཚུལ་གང་དག་མཉམ་སྤྱོད་བྱེད་མིན་ཐད་ལ་་ངེས་པར་དུ་ཡིད་གཟབ་བྱེད་དགོས། གཤམ་ལ་རང་ཉིད་ཀྱི་གསང་དོན་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཁ་ཤས་བཀོད་ཡོད།
- ཁ་པར་གྱི་སྒྲིག་འགོད་ནང་ནས་”མཉེན་ཆས་གང་རུང་གི་བེད་སྤྱོད་དབང་ཚད་”(应用权限)ལ་ཞིབ་བཤེར་བྱས་ཏེ། སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་གང་དེ་བཀོལ་སྤྱོད་བྱེད་སྐབས། རང་ཉིད་སྒེར་གྱི་ཁ་པར་ནང་གི་ཆ་འཕྲིན་གང་རུང་ལ་དགོས་མེད་ཀྱི་འདྲི་རྩད་བྱེད་དུ་བཅུག་རྒྱུ་མེད། འདིའི་ནང་དུ་ཁྱེད་ཀྱི་འབྲེལ་གཏུག་ཆ་འཕྲིན་དང་། པར་མཛོད། ཡིག་མཛོད། སྡོད་གནས། ཁ་པར་གྱི་པར་ཆས་སོགས་ཚུད་ཡོད། ཁྱེད་ཀྱིས་མཉེན་ཆས་གང་རུང་གི་གསང་བའི་སྲིད་ཇུས་ཀྱི་དོན་ཚན་ཁག་ལ་བལྟས་ན། ཁྱེད་ཀྱིས་ཁོང་ཚོར་མཉམ་སྤྱོད་བྱསཔའི་ཆ་འཕྲིན་དེ་དག ཁོ་ཚོས་ཇི་ལྟར་བྱེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱ་དགོས།

- སྤྱི་ཚོགས་དྲ་རྒྱའི་སྟེང་དུ་རང་ཉིད་སྒེར་གྱི་ཆ་འཕྲིན་མང་པོ་མཉམ་སྤྱོད་བྱེད་མི་རུང་། སྤྱི་ཚོགས་དྲ་རྒྱའི་ཐོག་གི་མི་སྒེར་གྱི་གསང་བའི་ཆ་འཕྲིན་རྣམས་ཁ་བསླུས་རྒྱག་མཁན་གྱིས་འཚོལ་སྡུད་དང་བེད་སྤྱོད་བྱེད་པའི་ནོར་མཛོད་ཅིག་ཡིན་པས། ཁོང་ཚོས་ཁྱེད་ལ་བརྫུས་ནས་ཁྱེད་ཀྱི་འབྲེལ་གཏུག་བྱ་ཡུལ་གྱི་གྲོགས་པོ་གྲོགས་མོ་དང་ཕ་མ་སྤུན་མཆེད་སོགས་ལ་མགོ་སྐོར་གཏོང་སྲིད།
- མི་གཞན་ལ་ཁྱེད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོ་ཁོངས་ལ་འཛུལ་དུ་འཇུག་མི་རུང་། གསང་གྲངས་བཙན་པོ་་གསར་འཛུགས་བྱེད་དགོས་པ་མ་ཟད། གལ་ཏེ་སྤྱི་ཚོགས་དྲ་རྒྱའི་སྟེགས་བུ་གང་དེས་གོ་རིམ་གཉིས་ཀྱི་ཞིབ་བཤེར་ར་སྤྲོད་(开启两步验证)འདོན་སྤྲོད་བྱེད་ཀྱི་ཡོད་ཚེ། དེ་བཀོལ་སྤྱོད་བྱེད་དགོས། འདིས་ཁྱེད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོངས་ཁོངས་ལ་མི་གཞན་སིམ་འཛུལ་མི་ཐེབས་པར་སྲུང་སྐྱོབ་བྱེད་ཐུབ།
- སྤྱི་ཚོགས་དྲ་རྒྱའི་སྟེགས་བུར་ཁྱེད་ཀྱི་སྡོད་གནས་མཉམ་སྤྱོད་བྱེད་མི་རུང་། ཁྱེད་ཀྱིས་ཁ་པར་གྱི་”སྒྲིག་འགོད་”ནང་། སྤྱི་ཚོགས་དྲ་རྒྱའི་སྟེང་དུ་རང་གི་གནས་ཡུལ་མཉམ་སྤྱོད་མི་བྱེད་པའི་ཐོག་ཏུ་སྒྲིག་དགོས། གཞན་ཡང་། སྤྱི་ཚོགས་དྲ་རྒྱའི་སྟེང་འདྲ་པར་རམ་ཡང་ན་བརྙན་ཐུང་སོགས་མཉམ་སྤྱོད་བྱེད་སྐབས། གལ་ཏེ་ཁྱེད་ཀྱིས་མི་གཞན་ལ་སོ་སོའི་སྡོད་གནས་ཤེས་སུ་འཇུག་མི་འདོད་ན། བརྙན་དང་པར་དེ་དག་བརྒྱུད་ནས་ཤེས་སྲིད་པའི་སོ་སོའི་ཁྱིམ་ཚང་ངམ་སྡོད་གནས་སོགས་ཀྱི་ཆ་འཕྲིན་ངེས་པར་དུ་སྦས་སྐུང་བྱེད་དགོས།